Home > Announcements > མི་མང་གསལ་བསྒྲགས། (FLT Result)

མི་མང་གསལ་བསྒྲགས། (FLT Result)

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ལུ་གསལ་བསྒྲགས་འབད་ནི་ དེ་ཡང་ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ སྤྱི་ཚེས་ ༠༡.༡༠.༢༠༢༡ ལུ་ འགོ་འདྲེན་འཐབ་ཡོད་པའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཆོས་རྒྱུགས་ཀྱི་གྲུབ་འབྲུས་ཚུ་ ད་རེས་ ༼སྤྱི་ཚེས་ ༡༨.༡༠.༢༠༢༡ ལུ་༽ གསལ་བསྒྲགས་འབདཝ་ཨིནམ་ད་ ཆོས་རྒྱུགས་ཕུལ་ཡོད་མི་ཚུ་གིས་ རང་སོའི་གྲུབ་འབྲས་ཀྱི་ཁ་གསལ་ཚུ་ ཡོངས་འབྲེལ་གྱི་ཐོག་ལས་ https://dramig.ecb.bt/flt/result ནང་གཟིགས་གནང་ཟེར་ཞུ་ནི་དང་ མཐར་འཁྱོལ་མི་ཚུ་ལུ་ ལག་ཁྱེར་འདི་ བདུན་ཕྲག་གཉིས་ཀྱི་ནང་འཁོད་ ཆོས་རྒྱུགས་ཕུལ་སའི་ རྫོང་ཁག་བཙག་འཐུ་ཡིག་ཚང་ལས་ འཐོབ་ཚུགས་ཟེར་ཞུ་ནི།

Print Friendly, PDF & Email