Home > Announcements > མི་དམངས་བསླབ་སྟོན།

མི་དམངས་བསླབ་སྟོན།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ བཙག་འཐུ་དང་འབྲེལ་བའི་ཁྲིམས་ཚུ་དང་འཁྲིལ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་འདི་ སྤྱི་ལོ་ ༢༠༢༣ ལུ་འགོ་འདྲེན་འཐབ་ནི་འབད་ མི་དམངས་ལུ་སྙན་སྒྲོན་ཞུཝ་ཨིན།

བཙག་འཐུའི་དུས་ཡུན་སྐབས་ བཙག་འཐུ་འདི་ བར་དཀྲོགས་ག་ནི་ཡང་མེད་པར་ རང་མོས་དང་རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ཆོས་འབྲེལ་གྱི་ལས་རིམ་ ཡང་ན་ གཞན་མི་དམངས་སྤུང་འཛོམས་ཀྱི་ ལས་རིམ་ཚུ་ འཛེམ་དགོཔ་ཨིནམ་ལས་ གཞུང་གི་ལས་སྡེ་དང་ རང་སྐྱོང་ལས་སྡེ་ ལས་འཛིན་ སྒེར་གྱི་ཡིག་ཚང་ ཆོས་སྡེ་དང་ མི་དམངས་ཡོངས་ལུ་ འདི་བཟུམ་མའི་ལས་རིམ་རེ་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་པ་ཅིན་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༢ པའི་ནང་འཁོད་འགོ་འདྲེན་འཐབ་དགོ་པའི་ ཞུ་བ་ཕུལཝ་ཨིན།

ཐོ་བཀོད་གྲུབ་པའི་སྲིད་དོན་ཚོགས་པ་དང་ འདེམས་ངོ་འབད་འཐོན་ནིའི་ བློ་འདོད་ཡོད་མི་ཚུ་ལུ་ཡང་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཁྲིམས་མཐུན་གྲ་སྒྲིག་གི་ལས་སྣ་ཚུ་ འབད་ནིའི་དོན་ལུ་དང་ སྲིད་དོན་གྱི་ལས་སྣ་ཚུ་འགོ་འདྲེན་འཐབ་ནིའི་དང་འདོད་ཡོད་པ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ གནང་བ་ཞུ་དགོཔ་དང་ གོང་འཁོད་གནད་དོན་ཚུ་ཡང་ དང་ལེན་འབད་དགོ་པའི་དྲན་སྐུལ་འབདཝ་ཨིན། 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email