Saturday, February 16, 2019
Home > Announcements > དཔལ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་བཀའ་ཁྱབ་གནང་ནི་ཚེས་གྲངས།

དཔལ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་བཀའ་ཁྱབ་གནང་ནི་ཚེས་གྲངས།

གསལ་བསྒྲགས།

 

འབྲུག་གི་རྩ་ཁྲིམས་ཆེན་མོའི་མངའ་འོག་ལུ་ སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་སྡེ་བཙག་འཐུ་ ༢༠༡༨།

 

གནད་དོན་: དཔལ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་བཀའ་ཁྱབ་གནང་ནི་ཚེས་གྲངས།

 
༉ སྨན་ལྗོངས་སྐྱེ་འགྲོའི་གཙུག་རྒྱན་དམ་པ་༧ དཔལ་མི་དབང་མངའ་བདག་རིན་པོ་ཆེ་ཞབས་ལས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༩༢ པའི་ཆ་མཐུན་ལུ་ སྤྱི་ལོ་༢༠༡༨ ཟླ་༢ པའི་ཚེས་༢༤ ལུ་ འབྲུག་གི་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་འགོ་བཙུགས་དགོ་པའི་ བཀའ་ཁྱབ་གསེར་གྱི་བཀའ་ཐམ་ཆེན་མོ་ གནང་ནི་ཨིན་མི་འདི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གུས་བཏུད་ཆེན་མོའི་སྒོ་ལས་ གསལ་བསྒྲགས་ཞུཝ་ཨིན།
 

 

དཔལ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་ཁྱབ་གསེར་གྱི་བཀའ་ཐམ་ཆེན་མོ་གནང་བའི་དགོངས་དོན་ཚུ་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེ་བཙག་འཐུ་༢༠༡༨ གྱི་དོན་ལུ་ འདེམས་ཁོངས་ འདེམས་ངོའི་གདམ་ངོ་བཏོན་ནི་ བཙག་འཐུའི་ཐོ་ཡིག ཚོགས་རྒྱན་ས་ཁོངས་ ཚོགས་རྒྱན་འགོ་དཔོན་ ཚོགས་རྒྱན་འཛིན་སྐྱོང་ བདེ་སྲུང་དང་ གཞན་གྲ་སྒྲིག་ཚུ་དང་འབྲེལ་བའི་ བཙག་འཐུའི་ལས་འཆར་ཚུ་གི་སྐོར་ལས་ ཁ་གསལ་འབད་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ ༢༠༡༨ གྱི་རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་བཙུགས་ནིའི་བརྡ་འཕྲིན་འདི་ སྤྱི་ལོ་༢༠༡༨ ཟླ་༢ པའི་ཚེས་༡༦ ལུ་སྤེལ་འོང་།

 

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email