Home > གནས་ཚུལ་གསར་སྟོན། > སྤྱི་ལོ་༢༠༢༢ ས་གནས་གཞུང་གི་འདེམས་ཁོངས་ཚུ་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་ཡོད་པའི་གྲུབ་འབྲས་གསལ་བསྒྲགས།

སྤྱི་ལོ་༢༠༢༢ ས་གནས་གཞུང་གི་འདེམས་ཁོངས་ཚུ་ནང་ བཙག་འཐུ་ལོག་འགོ་འདྲེན་འཐབ་ཡོད་པའི་གྲུབ་འབྲས་གསལ་བསྒྲགས།

༉  འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་ དོན་ཚན་ ༤༥༧ དང་འཁྲིལ་ སྤྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ཚེས་ ༢༢ ལུ་ འགོ་འདྲེན་འཐབ་ཡོད་པའི་ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་ཚོགས་རྒྱན་གྲུབ་འབྲས་འདྲན་འདྲ་འཐོབ་ཡོད་མི་ ས་གནས་གཞུང་གི་འདེམས་ཁོངས་ཚུའི་དོན་ལས་ སྤྱི་ཚེས་ ༡༨-༠༤-༢༠༢༢ ལུ་ སླར་བཙག་འཐུ་འགོ་འདྲེན་འཐབ་ཡོད་པའི་ གྲུབ་འབྲས་འདི་ གསལ་བསྒྲགས་འབདཝ་ཨིན། 

བཙག་འཐུ་གྲུབ་མི་ ཚོགས་པའི་ འདེམས་ངོ་ཚུའི་ ཁ་གསལ་ཚུ་གཤམ་འཁོད་ལྟར་ཨིན།

ཨང་རྫོང་ཁགའདེམས་ཁོངས།མིང་།མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་།
༡མགར་ས།མ་ཎི།རྡོ་ཕུག།༡༠༤༠༢༠༠༠༢༡༥
༢མགར་ས།གཤང་-འཕྲལ་དགའ་-ཝ་བཅས།ཕུརབ་རྡོེ།༡༠༤༠༤༠༠༠༧༢༦
༣སྤུ་ན་ཁ།བྲག་ཆུ་ཁ།ཚེ་རིང་བཟངམོ།༡༡༠༠༣༠༠༠༠༩༧
༤སྤུ་ན་ཁ།རྟ་མིག་འདམ་ཆུ་-ཐང་སྦྱིས།བཙན་སྐྱོག༡༡༠༠༩༠༠༠༩༨༨
༥གསར་སྤང་།ཁ་སྟོད།ཚེ་དབང་།༡༡༣༠༨༠༠༢༦༢༥
༦གསར་སྤང་།བར་གཤོང་།སངས་རྒྱས་འཕྲིན་ལས།༡༡༣༡༢༠༠༠༠༢༡
༧གསར་སྤང་།བཀྲིས་ཆོས་གླིང་།ངག་དབང་ཆོས་འཛོམས།༡༡༥༠༤༠༠༣༧༣༢
༨ཀྲོང་གསར།སྐོར་ཕུག་སྟོད།ཀུན་ལེགས་བསྟན་འཛིན།༡༡༧༠༢༠༠༠༠༦༢
༩དབང་འདུས་ཕོ་བྲང་།ཤིང་འཁོད་-ཁ་སྟོད།པདྨ་རྒྱལ་མཚན།༡༡༩༠༧༠༠༠༧༧༥

མགར་ས་རྫོང་ཁག་ ཁ་སྟོད་རྒེད་འོག་ མ་ཎི་སྤྱི་འོག་ནང་ འདེམས་ངོ་གཉིས་ཆ་ར་གི་ ཚོགས་རྒྱན་གྱངས་ཁ་འདྲ་མཉམ་འཐོབ་སྟེ་ཡོད། དེ་འབདཝ་ལས་ ངོས་ལེན་འགོ་དཔོན་གྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༤༦༤ ཅན་མའི་དགོངས་དོན་དང་འཁྲིལ་ གྲུབ་འབྲས་འདི་ རྟགས་རིལ་སྒྲིལ་ཐོག་ལས་ གྲོས་ཐག་ཆོད་དེ་ཡོད།

ཚོགས་རྒྱན་སྐྱུར་བར་འོང་མི་དང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཚུའི་ གནས་ཚུལ་འདི་ གཤམ་འཁོད་ལྟར་དུ་ཨིན།

༡༽ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་བསྡོམས།  ༢༤༦༨

༢༽ ཚོགས་རྒྱན་སྐྱུར་ཡོད་པའི་བསྡོམས།        ༡༣༤༣     

    ༼ཀ༽ ཚོགས་རྒྱན་འཕྲུལ་ཆས་ཐོག      ༩༦༨                   

    ༼ཁ༽ འགྲེམ་ཐོག་ཚོགས་རྒྱན་ཐོག      ༣༧༥

༣༽ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ།            ༥༤.༤༡ ༼%༽

གྲུབ་འབྲས་ཀྱི་ཁ་གསལ་ཚུ་བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་https://results.ecb.bt/public/lgtied2022 ནང་གཟིགས་ཚུགས།

འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་ དོན་ཚན་ ༥༨༠ དང་འཁྲིལ་ སྐབས་ཐོབ་ཀྱི་ས་སྟོང་བསུབ་ནིའི་དོན་ལུ་ བཙག་འཐུ་གྲུབ་པའི་ འཐུས་མི་ཚུ་གིས་ ས་གནས་གཞུང་གསུམ་པའི་ གནས་ཡུན་ལྷག་ལུས་རྐྱངམ་ཅིག་གི་རིང་ ཕྱག་ཕྱིད་ཞུ་ཆོག་ནི་ཨིན།

བཙག་འཐུའི་བཤེར་ཡིག་ཕུལ་ནིའི་དུས་ཡུན་འདི་ ད་རིས་ལས་འགོ་བཙུགས་ སྤྱི་ཚེས་༣-༠༥-༢༠༢༢ ལུ་ མཇུག་བསྡུ་ནི་ཨིན།

རང་ལུགས་གནམ་ལོ་ ཆུ་ཕོ་སྟག་ལོ་ རང་ཟླ་ ༠༢ པའི་ཚེས་ ༡༨ ལུའམ་ སྤྱི་ཚེས་ ༡༩-༠༤-༢༠༢༢ ལུ།