Home > བརྡ་འཕྲིན། > མི་དམངས་གསལ་བསྒྲགས།

མི་དམངས་གསལ་བསྒྲགས།

༉ མི་དམངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༢༦༨ ཅན་མའི་དགོངས་དོན་དང་འཁྲིལཝ་ད་ བཙག་འཐུའི་བརྡ་འཕྲིན་ཕྱིར་སྤེལ་མ་འབདཝ་ཚུན་ བཙག་འཐུའི་བསྐུལ་བསྒྲགས་ཀྱི་ལམ་རིམ་འགོ་འདྲེན་འཐབ་མ་ཆོགཔ་སྦེ་ཨིན་རུང་ སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་ལ་ལུ་ཅིག་གིས་ ད་ལྟོ་ལས་རང་ ཚུལ་མིན་གྱི་བཙག་འཐུའི་བསྐུལ་བསྒྲགས་འབད་དོ་ཡོད་པའི་སྐོར་ བཙག་འཐུ་ལྷན་ཚོགས་ཀྱིས་ཤེས་རྟོགས་བྱུང་སྟེ་ཡོདཔ་ལས་ ལྷན་ཚོགས་ཀྱིས་ཁ་ཐུག་ལས་ མི་དམངས་ཀྱི་བཙག་འཐུའི་བསྐུལ་བསྒྲགས་འབད་ནི་ལས་ འཛེམ་གནང་དགོ་པའི་དྲན་སྐུལ་ཕུལཝ་ཨིན།

བཙག་འཐུའི་བརྡ་འཕྲིན་ཕྱིར་སྤེལ་མ་འབད་བའི་གོང་ལས་ བསྐུལ་བསྒྲགས་འབད་བ་ཅིན་ བཙག་འཐུའི་ཁྲིམས་ལས་འགལ་བ་སྦེ་བརྩི་འཇོག་འབད་དེ་ ཁྲིམས་དང་འཁྲིལ་དང་ལེན་འབད་ནི་ཨིན་པའི་དྲན་གསོ་ལུ།

Print Friendly, PDF & Email