Home > བརྡ་འཕྲིན། > སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་ཐོ་བཀོད།

སྤྱི་ལོ་༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་ འགྲེམ་ཐོག་རྒྱན་ཤོག་ཐོ་བཀོད།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་ལུ་ གསལ་བསྒྲགས་འབད་ནི་དེ་ཡང་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་པའི་ སྤྱི་ལོ་ ༢༠༢༡ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་དོན་ལུ་  འགྲེམ་ཐོག་རྒྱན་ཤོག་མཐུན་རྐྱེན་སྤྱོད་ནིའི་ རེ་འདོད་ཡོད་པ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ཅིག་ཁར་ ཐོ་བཀོད་མཛད་གནང་ཟེར་ཞུ་ནི།

འགྲེམ་ཐོག་རྒྱན་ཤོག་འདི་ཡང་ ནད་ཡམས་ཀོ་ཝིཊ་ ༡༩ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་གི་དོན་ལུ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ ༢༠༠༨ ཅན་མའི་དོན་ཚན་ ༣༣༡ ནང་འཁོད་ཡོད་མི་ཚུ་བརྩིས་ཏེ་ རང་སོའི་འདེམས་ཁོངས་ཀྱི་ཕྱི་ཁར་བཞུགས་མི་ དང་འདོད་ཅན་གྱི་ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ག་ར་ལུ་ ལྷན་ཐབས་འབད་ནི་ཨིན། 

ཐོ་བཀོད་དེ་ཡོངས་འབྲེལ་གྱི་ཐོག་ལས་ https://berms.ecb.bt/postal/registration ནང་མཛད་ཚུགས།

ཡོངས་འབྲེལ་གྱི་རིང་ལུགས་ཐོག་ལས་ ཐོ་བཀོད་འབད་ནི་ལུ་ རྒྱབ་སྐྱོར་འབད་དགོཔ་ཡོད་མི་ཚུ་གིས་ ཉེ་འདབས་ལུ་ཡོད་པའི་ རྒེད་འོག་ཡིག་ཚང་ ཡང་ན་ བཙག་འཐུའི་ཡིག་ཚང་ཚུ་ནང་ ཡིག་ཚང་གི་དུས་ཚོད་ཁར་འབྲེལ་བར་མཛད་གནང་།

ཐོ་བཀོད་འབད་ནི་འདི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༡ པའི་ཚེས་ ༠༡ ཕྱི་རུ་ཆུ་ཚོད་ ༥:༠༠ ལུ་མཇུག་བསྡུ་ནི་ཨིན།

གཞན་ཁ་གསལ་གྱི་དོན་ལུ་ སྤྱོད་ཁྲལ་དགོངས་ཡངས་ཨང་ ༢༠༠༨ ཀྱིས་ཐོག་ལས་འབྲེལ་བ་མཛད་གནང་།

Print Friendly, PDF & Email