Home > བརྡ་འཕྲིན། > མི་དམངས་བརྡ་འཕྲིན།

མི་དམངས་བརྡ་འཕྲིན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༢༠༢ པ་དང་འཁྲིལ་ མི་དམངས་ཡོངས་ལུ་གསལ་བསྒྲགས་འབད་ནི་ དེ་ཡང་ ཐིམ་ཕུག་དང་ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་ ཁྲོམ་སྡེ་གསུམ་གྱི་ཡིག་ཚང་འཆང་ནིའི་གནས་ཡུན་འདི་ སྤྱི་ལོ་༢༠༢༡ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༢༦ ལུ་ཚངམ་ཨིན་མས། འདིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ རྒྱལ་ཁབ་ནང་ནད་ཡམས་ཀོ་ཝིཊ་ ༡༩ གི་གནས་སྟངས་ལས་ རྟེན་ལྷན་ཚོགས་ཀྱི་ཁ་ཐུག་ལས་ གསོ་བའི་ལྷན་ཁག་གིས་གནང་བའི་ གསོ་བའི་འཕྲོད་བསྟེན་སྒྲིག་གཞི་དང་ ལམ་སྟོན་ཚུ་དང་འཁྲིལ་ བཙག་འཐུའི་དོན་ལུ་ ཐབས་ལམ་མ་འདྲཝ་ཚུ་ལག་ལེན་འབད་ཐོག་ལས་འགོ་འདྲེན་ཐབས་ནི་ཨིན།

ད་རེས་ནངས་པ་ ནད་ཡམ་གྱིས་གནས་སྟངས་འདི་ནང་ ཁྲོམ་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ལས་བྱེདཔ་ཚུ་གིས་ ཐིམ་ཕུག་དང་ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་ ཁྲོམ་སྡེའི་འདེམས་ཁོངས་ནང་ཡོད་པའི་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཚུ་ལས་ གནས་སྡུད་བསྡུ་ལེན་འབད་ནི་ཨིན། གནས་སྡུད་འདིའི་དོན་ལུ་ གོང་འཁོད་ཁྲོམ་སྡེའི་ འདེམས་ཁོངས་ནང་གི་ གུང་རེ་ལས་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ མི་ངོམ་རེ་དང་ཅིག་ཁར་་བྲེལ་བ་འཐབ་ནི་ཨིནམ་ལས་ ཁྲོམ་སྡེའི་བཙག་འཐུ་ ༢༠༢༡ འདི་ ཉེན་སྲུང་དང་ལྡནམ་འབད་འགོ་འདྲེན་འཐབ་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ཁ་ཐུག་ལས་ འབྲེལ་ཡོད་ཚོགས་རྒྱན་སྐྱུར་མི་ཡོངས་ཀྱི་ དགོས་མཁོ་ཆེ་བའི་བརྡ་དོན་ཚུ་བཤད་ནིའི་དོན་ལུ་ གྲ་སྒྲིག་འབད་བཞུགས་གནང་དགོ་པའི་རེ་འདོད་ བསམ་བརྗོད་ལས་འདས་པའི་ བཀའ་དྲིན་དགའ་ཚོར་ཡོད།

འབྲེལ་ཡོད་ཡོངས་ཀྱིས་ལྷན་ཚོགས་ལུ་ ངོས་ལེན་དང་རྒྱབ་སྐྱོར་ དེ་ལས་མཉམ་འབྲེལ་ཚུ་ གང་དྲག་མཛད་གནང་འོང་མནོ་བའི་རེ་བ་ཡོད།

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email