Home > བརྡ་འཕྲིན། > ཁྲོམ་སྡེ་ཚོགས་པ་ཐེངས་གསུམ་པའི་བཙག་འཐུ་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་ཚུའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འགོ་འདྲེན་ ༢༠༢༡།

ཁྲོམ་སྡེ་ཚོགས་པ་ཐེངས་གསུམ་པའི་བཙག་འཐུ་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་ཚུའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་འགོ་འདྲེན་ ༢༠༢༡།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ གཤམ་འཁོད་ལས་འཆར་བཀོད་ཡོད་མི་དང་འཁྲིལ་ ཐིམ་ཕུག་ ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་གི་ རྫོང་ཁག་ཁྲོམ་སྡེ་གསུམ་གྱི་དོན་ལས་ འབྲི་ལྷག་ཤེས་ཡོན་རིག་རྩལ་བརྟག་དཔྱད་འགོ་འདྲེན་འཐབ་ནི་ཨིན་པའི་ བརྡ་འཕྲིན་སྤེལཝ་ཨིན།

༡༽ ཐོ་བཀོད་འབད་ནིའི་ཚེས་གྲངས་མཇུག སྤྱི་ཚེས་ ༡༥-༠༢-༢༠༢༡ ལུ།
༢༽ བྲིས་རྒྱུགས་བརྟག་དཔྱད་དང་ངག་རྒྱུགས་བརྟག་དཔྱད། སྤྱི་ཚེས་ ༡༩-༠༢-༢༠༢༡ ལུ།
ཁྲོམ་སྡེ་གསུམ་གྱི་ནང་ལས་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ ཁྲོམ་སྡེ་ཚོགས་པའི་གོ་གནས་ལུ་ དོ་འགྲན་འབད་མི་ཚུ་གིས་ ཆོས་རྒྱུགས་ཀྱི་དོན་ལས་ཐོ་བཀོད་འབད་ནིའི་ཐད་ཁར་ ནད་ཡམས་ཀྱི་གནས་སྟངས་ལུ་བརྟེན་ ཡོངས་འབྲེལ་འཆར་སྒོ་ https://dramig.ecb.bt/flt/registration ཐོག་ལས་ ཕུལ་དགོཔ་དང་ གཞན་བྲིས་རྒྱུགས་དང་བརྟག་དཔྱད་ལྟེ་བའི་སྐོར་ལས་ དོགས་སེལ་འབད་དགོཔ་ཡོད་པ་ཅིན་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་དང་འབྲེལ་བ་འཐབ་ནི་ཨིན།
ཨིན་རུང་ རྒེད་འོག་༢༠༥ དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ས་གནས་གཞུང་གི་བཙག་འཐུ་ ཐེངས་གསུམ་པའི་འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཀྱི་དོན་ལུ་ཨིན་པ་ཅིན་ ལྷན་ཚོགས་ཀྱིས་ ཤུལ་ལས་གསལ་བསྒྲགས་འབད་ནི་ཨིན་ད་ ཧེ་མ་ལས་ ལྷན་ཚོགས་ཀྱིས་ཁ་ཐུག་ལས་གནང་ཡོད་པའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་མཐར་འཁྱོར་ཡོད་པའི་ ལག་ཁྱེར་འཆང་ཡོད་པ་ཅིན་ ལོག་ཆོས་རྒྱུགས་ནང་བཅའ་མར་གཏོགས་མ་དགོཔ་ཨིན།
རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་ ཟླ་ ༡༢ པའི་ཚེས་ ༢༠ ལུའམ་ སྤྱི་ལོ་ ༠༢-༠༢-༢༠༢༡ ལུ་སྤེལ།

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email