Home > དུས་མིན་བཙག་འཐུ། > བུམ་ཐང་རོང་ཁག་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་ མིན་བཙག་འཐུ་གི་གྲུབ་འབྲས་གསལ་བསྒྲགས།

བུམ་ཐང་རོང་ཁག་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་ མིན་བཙག་འཐུ་གི་གྲུབ་འབྲས་གསལ་བསྒྲགས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༤༤༣ པ་ དང་ ༤༤༧ ཅན་མ་དང་འཁྲིལ་ སྤྱི་ཚེས་༡༩-༡༡-༢༠༢༠ ལུ་ བུམ་ཐང་རོང་ཁག་ ཆོས་འཁོར་-སྟང་ འདེམས་ཁོངས་ཀྱི་རྒྱལ་ཡོངས་ཚོགས་འདུའི་འཐུས་མིའི་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཟླ་བ་འདི་ བཙག་འཐུ་གྲུབ་ཡོད་པའི་སྐོར་ མི་མང་ཡོངས་ལུ་བརྡ་འཕྲིན་སྤེལཝ་ཨིན།

ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསོམས་ ༦༢༡༩ (ཕོ་རྒས་༢༩༠༤ དང་ ཨམ་སྲུ་ ༣༣༡༥) ལས་ ཚོགས་ རྒྱན་སྐྱུར་བར་འོང་མི་བསོམས་ ༤༥༩༦ ཀྱིས་ཚོགས་རྒྱན་བཙུགས་ཏེ་ཡོདཔ་ལས་ བརྒྱ་ཆ་ ༧༣.༩༠% གིས་ ཚོགས་རྒྱན་ བཙུགས་ཏེ་འདུག ཚོགས་རྒྱན་བཙུགས་ཡོད་མི་ཡོངས་བསོམས་ལས་ ཚོགས་རྒྱན་ ༣༣༡༥ འདི་ ཚོགས་རྒྱན་ས་ཁོངས་ ༡༡ ཚུ་ནང་ མི་ངོ་བོ་འབད་འགྱོ་སྟེ་ ཚོགས་རྒྱན་འཕྲུལ་ཆས་ཐོག་བཙུགས་ཏེ་ཡོདཔ་དང་ ཚོགས་རྒྱན་ ༡༢༨༡ འདི་ འགྲེམ་ཐོག་ རྒྱན་ཤོག་ཐོག་བཙུགས་ཏེ་འདུག

དུས་མིན་བཙག་འཐུ་འདི་ནང་ དོ་འགྲན་འབད་མི་ འདེམས་ངོ་གཉིས་ཆ་རང་གིས་ གྲུབ་འབྲས་གསལ་བསྒྲགས་འབད་བའི་ ཉིན་གྲངས་སུམ་ཅུའི་ནང་འཁོད་ འདི་ཡང་ སྤྱི་ཚེས་༢༠-༡༢-༢༠༢༠ གི་ཕྱི་རུའི་ཆུ་ཚོད་ ༤ ལས་མ་ཕྱི་བར་ མི་མང་བཙག་ འཐུའི་མ་དངུལ་འབྲི་ཤོག་ཨང་ ༩ ཀ(ཇི་ཨི)་པའི་ཐོག་ བུམ་ཐང་རོང་ཁག་བཙག་འཐུ་ཡིག་ཚང་ ཡང་ན་ བཙག་འཐུ་ལྷན་ ཚོགས་ཀྱི་ཡིག་ཚང་ལྟེ་བའི་ མི་མང་བཙག་འཐུའི་མ་དངུལ་སྡེ་ཚན་ལུ་ བཙག་འཐུའི་ཟད་གྲོན་སྙན་ཞུ་ཚུ་ འབད་དགོ་པའི་ དྲན་གསོ་འབདཝ་ཨིན། མི་མང་ཡོངས་དང་ འབྲེལ་ཡོད་ཚུ་གིས་ དུས་མིན་བཙག་འཐུ་འདི་གི་དོན་ལས་ བཙག་འཐུའི་ བཤེར་ཡིག་བཙུགས་ནིའི་དུས་ཚོད་འདི་ ངལ་གསོ་ཚུ་མ་བརྩི་བའི་ ཉིན་གྲངས་བཅུ་ཐམ་གི་དུས་ཡུན་འདི་ ད་རེས་ལས་འགོ་ བཙུགས་ སྤྱི་ཚེས་ ༣-༡༢-༢༠༢༠ གི་ཕྱི་རུའི་ཆུ་ཚོད་༤ ལུ་མཇུག་བསྡུཝ་ཨིན་པའི་དྲན་གསོ་ཕུལཝ་ཨིན།

རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་ ཟླ་བཅུ་པའི་ཚེས་དྲུག་གམ་ སྤྱི་ལོ་༢༠༢༠ ཟླ་ ༡༡ པའི་ཚེས་ ༢༠ ལུ་སྤེལ།

 

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email