༉ མི་མང་ཡོངས་ལུ་དྲན་གསོ་ཞུ་དོན་དེ་ཡང་ སྤྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ཚེས་ ༢༢ རེས་གཟའ་ཕུར་བུ་འདི་ ས་གནས་གཞུང་གི་བཙག་འཐུ་ཐེངས་གསུམ་པའི་ ཚོགས་རྒྱན་ཉིནམ་ཨིན། དེ་འབདཝ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གོང་འཁོད་ཚེས་གྲངས་དེ་ཁར་ ཐིམ་ཕུག་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་བརྩིས་ཏེ་ རྫོང་ཁག་ ༢༠ ནང་ གཞུང་གི་ངལ་གསོ་ཨིནམ་སྦེ་ གསལ་བསྒྲགས་འབདཝ་ཨིནམ་ད་ ཉིནམ་དེ་ཁར་ གཞུང་དང་ལས་སྡེ་ཁག་གི་ཡིག་ཚང་ཚུ་དང་ གཙུག་སྡེ་ དེ་ལས་ ཚོང་ཁང་དང་ ཚོང་ལས་ཆ་མཉམ་རང་ སྒོ་བསྡམ་བཞག་དགོ་པའི་དྲན་སྐུལ་ཕུལཝ་ཨིན།
ཚོགས་རྒྱན་སྐྱུར་ནིའི་དུས་ཚོད་འདི་ དྲོ་པ་ཆུ་ཚོད་ ༠༨ ལས་ ཕྱི་རུ་ཆུ་ཚོད་ ༤ ཚུན་ཨིན།
ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ མི་ངོ་སྦེ་ཚོགས་རྒྱན་ས་ཁོངས་ནང་བྱོན་ནི་ལུ་ གདམ་ཁ་རྐྱབ་མི་ཚུ་གིས་ ཚོགས་རྒྱན་སྐྱུར་བ་བྱོན་གནང་དགོ་པའི་ཞུ་བ་དང་ཅིག་ཁར་ ཚོགས་རྒྱན་ས་ཁོངས་ནང་བྱོན་པའི་སྐབས་ ཆ་གནས་ཡོད་པའི་ རང་སོའི་ཚོགས་རྒྱན་སྐྱུར་ནིའི་ངོས་འཛིན་འདྲ་པར་ ཡང་ན་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ངོ་མ་ཚུ་བསྣམ་བྱོན་དགོཔ་ཨིན།
སྤྱི་ཚེས་ ༢༠-༡༢-༢༠༢༡ ལུའམ་ རང་ལུགས་གནམ་ལོ་ལྕགས་མོ་གླང་ལོ་ ཟླ་ ༡༡ པའི་ཚེས་ ༡༦ ལུ་སྤེལ།