Home > བརྡ་འཕྲིན། > བརྡ་འཕྲིན།

བརྡ་འཕྲིན།

༉   འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་དང་ དམིགས་བསལ་དུ་ དབང་འདུས་ཕོ་བྲང་རྫོང་ཁག་ སྦྱེ་ནག་རྒེད་འོག་གི་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ དྲན་གསོ་ཞུ་དགོཔ་བྱུང་མི་འདི་ཡང་ རྒེད་འོག་དེ་ནང་ལས་ དམངས་མི་གི་འདེམས་ངོ་སྦེ་འཐོན་མི་ ཚེ་འདས་པདྨ་དབྱངས་འཛོམས་ལུ་ རྐྱེན་ངན་དེ་བཟུམ་བྱུང་ཡོད་མི་ལུ་ བཟོད་མ་ཚུགས་པའི་མྱ་ངན་གྱི་གཞི་ཅིག་ལུ་གྱུར་ཡོདཔ་ལས་ ད་ལྟོ་འགྲེམ་ཐོག་རྒྱན་ཤོག་མ་གཏང་པར་ཡོད་མི་ སྦྱེ་ནག་རྒེད་འོག་གི་འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྒེད་འོག་དེ་ཁའི་དམངས་མི་གི་གོ་གནས་ལུ་ དོ་འགྲན་འབད་མི་འདེམས་ངོ་གཞན་མི་གཉིས་ཀྱི་དོན་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཏེ་ གཏང་གནང་ཟེར་བའི་དྲན་གསོ་ཞུཝ་ཨིན།

གལ་སྲིད་ ཚེ་འདས་ཀྱི་འདེམས་ངོ་ལུ་ རྒྱབ་སྐྱོར་གྱི་འགྲེམ་ཐོག་ཚོགས་རྒྱན་བཏང་ཚར་ཏེ་ཡོད་མི་ཚུ་ ནུས་མེད་སྦེ་རྩིས་ནི་ཨིན་པའི་དྲན་གསོ་འབདཝ་ཨིན།

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།