གཟའ་ཉི་མ།, སྤྱི་ཟླ་གཉིས་པ། 16, 2019
Home > གསལ་བསྒྲགས། > སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུ་གི་ སྤྱིར་བཏང་བཙག་འཐུའི་ཚོགས་རྒྱན་ཉིནམ།

སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུ་གི་ སྤྱིར་བཏང་བཙག་འཐུའི་ཚོགས་རྒྱན་ཉིནམ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་དྲན་གསོ་ཞུ་དོན་དེ་ཡང་ རྫོང་ཁག་ཉི་ཤུའི་འདེམས་ཁོངས་ ༤༧ ཆ་མཉམ་ནང་ལུ་ སྤྱི་ཚེས་ ༡༨-༡༠-༢༠༡༨ རེས་གཟའ་པ་སངས་འདི་ སྤྱིར་བཏང་བཙག་འཐུ་ ༢༠༡༨ ཀྱི་ཚོགས་རྒྱན་ཉིནམ་ཨིན་པའི་དྲན་གསོ་ཞུཝ་ཨིན།

གོང་འཁོད་ཚེས་གྲངས་ཀྱི་ཚོགས་རྒྱན་ཉིནམ་འདི་ གཞུང་གི་ངལ་གསོ་ཨིནམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ཉིནམ་འདི་ཁར་ བཟའ་ཁང་དང་ ཉེར་མཁོའི་ཞབས་ཏོག་སྤྲོད་མི་མེན་པའི་ གཞན་ཡིག་ཚང་ཁག་ཚུ་དང་ ཚོང་ལས་ཆ་མཉམ་རང་ སྒོ་བསྡམ་བཞག་དགོཔ་ད་ ལཱ་གཡོག་བྱིན་མི་ཆ་མཉམ་གྱིས་རང་ གལ་སྲིད་ རང་གི་ལས་བྱེདཔ་ཚུ་ ཁོང་རང་མི་ངོམ་སྦེ་ ཚོགས་རྒྱན་བསྐྱུར་བར་འགྱོ་ནི་གི་བློ་འདོད་ཡོད་མི་ལུ་ ཁྲིམས་ལུགས་ཀྱི་དགོས་མཁོ་དང་འཁྲིལ་ འོས་འཚམས་ལྡན་པའི་ཉིན་གྲངས་ཀྱི་ངལ་གསོ་གནང་དགོ།

ཚོགས་རྒྱན་བཙུགས་ནི་འདི་ དྲོ་པའི་ཆུ་ཚོད་ ༩ ལས་ ཕྱི་རུའི་ཆུ་ཚོད་ ༥ ཚུན་ཨིན།

ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཚོགས་རྒྱན་ས་ཁོངས་ནང་ རང་སོའི་ཚོགས་རྒྱན་སྐྱུར་མིའི་ངོས་འཛིན་འདྲ་པར་བསྣམ་འབྱོན་དགོཔ་དང་ རང་གི་བསམ་འཆར་བཀོད་ནི་ཡོདཔ་ངེས་བདེན་བཟོ་ཐབས་ལུ་ ཚོགས་རྒྱན་བཙུགས་པར་འབྱོན་གནང་དགོཔ་ལུ་དྲན་གསོ་ཕུལཝ་ཨིན། རང་ལུགས་ས་ཕོ་ཁྱི་ ཟླ་ ༩ པའི་ཚེས་ ༦ གམ་ སྤྱི་ཚེས་ ༡༥-༡༠-༢༠༡༨ ལུ།

༼ཆོས་རྒྱལ་ཟླ་སྒོ་རིག་འཛིན༽
འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email