གཟའ་ཉི་མ།, སྤྱི་ཟླ་གཉིས་པ། 16, 2019
Home > གསལ་བསྒྲགས། > མི་དམངས་བསླབ་སྟོན། འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས།

མི་དམངས་བསླབ་སྟོན། འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྫོང་ཁག་ ༢༠ ནང་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༩ པའི་ཚེས་ ༧-༨ དང་ ༩ ཚུན་ སྤྱིར་བཏང་མི་དམངས་ལུ་ ལག་ལེན་འཐབ་ནིའི་གོ་བརྡ་སྤྲོདཔ་ཨིན།

འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་སྦེ་ཐོ་བཀོད་འབད་ཡོད་མི་ མི་ངོམ་ཚུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ རང་གིས་གདམ་ཁ་རྐྱབ་ཡོད་པའི་ས་གནས་ཁར་ ཚོགས་རྒྱན་ངོས་འཛིན་འདྲ་པར་འབག་སྟེ་ གོང་འཁོད་ཚེས་གྲངས་ཀྱི་ དྲོ་པའི་ཆུ་ཚོད་ ༩ ལས་ ཕྱི་རུའི་ཆུ་ཚོད་ ༧ ནང་འོང་དགོ་པའི་དྲན་སྐུལ་འབདཝ་ཨིན།

ཁ་སྐོང་བརྡ་དོན་གྱི་དོན་ལས་ pb.ecb.bt ཡང་ན་ སྤྱོད་ཁྲལ་དགོངས་ཡངས་ཀྱི་ ཨང་ ༢༠༠༨ ནང་འབྲེལ་བ་འཐབ་གནང་།

Print Friendly, PDF & Email