Home > བརྡ་འཕྲིན། > སྤྱི་ཚོགས་གསུམ་པ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ ༢༠༡༨ ཅན་མའི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་ མི་མང་གིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ཟིན་བྲིས་གསར་སྟོན།

སྤྱི་ཚོགས་གསུམ་པ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ ༢༠༡༨ ཅན་མའི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་ མི་མང་གིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་འགག་ཆ་བཀོད་ནི་ཟིན་བྲིས་གསར་སྟོན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་ཡོངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༡༢ དེ་ལས་ ༡༡༣ པའི་ཆ་མཐུན་དང་ འབྲུག་གི་འགྲེམ་ཐོག་རྒྱན་ཤོག་ བཅའ་ཡིག་དང་སྒྲིགས་གཞི་༢༠༡༨ ཅན་མའི་དོན་ཚན་ ༤.༡ པ་དང་འཁྲིལ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ མི་དམངས་ཀྱིས་བརྟག་ཞིབ་འབད་དེ་ ཐོབ་བརྗོད་དང་དགག་ཆ་བཀོད་ནི་གི་དོན་ལུ་ གསར་སྟོན་གྱི་བརྡ་འཕྲིན་སྤེལཝ་ཨིན།
བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཚུའི་ཟིན་ཐོ་འདི་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་ཡིག་ཚང་དང་ ཐིམ་ཕུག་ཀ་ཝང་བྱང་ས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ (དམངས་གཙོའི་ཁང་བཟང་) ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.ecb.bt ནང་གཟིགས་ཚུགས།
ཁྱད་ཡོན་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ ཁྱོད་རང་བཙག་འཐུའི་ཐོ་ཡིག་ནང་ཚུད་ཡོད་མེད་དང་ ཁ་གསལ་ཚུ་མ་འཛོལ་བར་ ངེས་བདེན་བཀོད་དེ་ཡོད་མེད་ལུ་ བདེན་དཔྱད་འབད་གནང་དགོ་པའི་མགྲོན་བརྡ་ཞུཝ་ཨིན། ཐོབ་བརྗོད་ཟེར་མི་འདི་ བཙག་འཐུའི་ཐོ་ཡིག་ནང་བཀོད་ནི་ལུ་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ནོར་བ་འབད་བཀོད་དེ་ཡོད་མི་ཚུ་དག་བཅོས་འབད་ནི་དང་ ཡང་ན་ ག་འབད་རུང་ཅིག་གི་བརྡ་དོན་ཁ་གསལ་མ་ཚུད་པར་ཡོད་མི་ཚུ་ལུ་སླབ་ཨིན) དེ་ལས་ /ཡང་ན་ དགག་ཆ་ཟེར་མི་འདི་ (དཔེ་འབདནི་ བཙག་འཐུའི་ཐོ་ཡིག་ནང་ ག་འབད་རུང་རང་དང་འབྲེལ་བ་མེད་པའི་གནད་དོན་རེ་ཡོད་པ་ཅིན་དེ་ལུ་ དགག་ཆ་བཀོད་ནི་ལུ་སླབ་ཨིན) གལ་སྲིད་ འདི་བཟུམ་ཚུ་ ཡོད་དེ་འབད་བ་ཅིན་ སྤྱི་ལོ་༢༠༡༨ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༠༣ ལས་འགོ་བཙུགས་ སྤྱི་ཚེས་༡༢ ཚུན་གྱི་བར་ན་ རང་སོའི་འབྲེལ་ཡོད་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ལུ་བཀོད་དགོ།
ཐོབ་བརྗོད་དང་ དགག་ཆ་བཀོད་ནི་ལུ་དགོ་པའི་འབྲི་ཤོག་འདི་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་ རྫོང་ཁག་བཙག་འཐུའི་ཡིག་ཚང་ དེ་ལས་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ནང་ལས་ཐོབ་ཚུགས། བརྡ་དོན་ཁ་གསལ་གྱི་དོན་ལུ་ འབྲེལ་བ་འཐབ་ས།

བཀྲ་ཤིས་རྡོ་རྗེ།
བཙག་འཐུའི་ཐོ་ཡིག་དང་བཅད་མཚམས་ལས་ཁུངས།
འགྲུལ་འཕྲིན་ཨང་ ༡༧༦༡༢༢༢༩
ཡང་ན་
རྣམ་རྒྱལ་ཚེ་རིང་།
འགྲེམ་ཐོག་ རྒྱན་ཤོག་ཚོགས་རྒྱན་སྡེ་ཕྲན།
འགྲུལ་འཕྲིན་ཨང་ ༡༧༡༡༥༣༥༤

ཡང་ཅིན་་་་་་

ཁྲལ་ཡངས་ (Toll Free No. 2008 ཐོག་འབྲེལ་བ་མཛད་གནང་།

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email