Home > བརྡ་འཕྲིན། > འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས།

འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྫོང་ཁག་ ༢༠ ནང་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ མི་དམངས་ལུ་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༡༢,༡༣ དང་ ༡༤ ལུ་ སྤྱིར་བཏང་མི་དམངས་ལུ་ ལག་ལེན་ནང་བཙུགས་ནིའི་ བརྡ་སྤྲོད་འབདཝཨིན།

འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་སྦེ་ཐོ་བཀོད་ཚུད་མི་མི་ངོམ་ཚུ་གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ ཐོ་བཀོད་འབད་བའི་སྐབས་ རང་གི་གདམ་ཁ་རྐྱབ་ཡོད་པའི་ས་གནས་ཁར་ གོང་འཁོད་སྤྱི་ཚེས་ནང་འབྱོན་གནང་། ཆུ་ཚོད་འཁོར་ལོ་ཀ་ཆེན་ ནོར་འཛིན་ལམ་ ཟེར་གདམ་ཁ་རྐྱབ་ཡོད་མི་ཚུ་གི་ཐུགས་ལུ་གནམ་དགོཔ་འདི་ཡང་ ས་སྒོ་འདི་ ཆུ་ཚོད་འཁོར་ལོ་ཀ་ཆེན་རྩ་བར་ལས་ ལྕང་གླིང་མའི་ཐང་གི་སྣུམ་འཁོར་བཞག་སའི་ས་ཁོངས་ནང་༼བརྒྱ་འཁོར་ཨ་ལོའི་གླིང་ག་སྦོ་ལོགས་ཁར༽ སྤོ་སོར་འབད་དེ་ཡོདཔ་ཨིན།

འདི་དང་འདྲཝ་འབད་ ཕུན་ཚོགས་གླིང་འབྲིང་རིམ་བར་མའི་སློབ་གྲྭ་ནང་ཚོགས་རྒྱན་བསྐྱུར་ནི་འབད་ཐོ་བཀོད་ཚུད་མི་ཚུ་གི ཐུགས་ལུ་གནམ་དགོཔ་འདི་ཡང་ ཐོ་བཀོད་ནང་ཚུད་ཡོད་པའི་འགྲེམ་ཐོག་ཚོགས་རྒྱན་བསྐྱུར་མི་ཨམ་སྲུ་ཚུ་གི་ རང་སོའི་འགྲེམ་ཐོག་ཚོགས་རྒྱན་བཙུགས་པར་ ཕུན་ཚོགས་གླིང་འབྲིང་རིམ་བར་མའི་སློབ་གྲྭ་ནང་་འོང་དགོཔ་དང་ ཐོ་བཀོད་ནང་ཚུད་ཡོད་པའི་འགྲེམ་ཐོག་ཚོགས་རྒྱན་བསྐྱུར་མི་ཕོ་སྐྱེས་ཚུ་གིས་ རང་སོའི་འགྲེམ་ཐོག་ཚོགས་རྒྱན་བཙུགས་པའི་ས་ཁོངསའདི་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ཨིན།

ཁ་སྐོང་བརྡ་དོན་གྱི་དོན་ལས་ pb.ecb.bt ཡང་ན་ སྤྱོད་ཁྲལ་དགོངས་ཡངས་ཀྱི་ ཨང་ ༢༠༠༨ ནང་འབྲེལ་བ་འཐབ་གནང་།

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email