Home > དུས་མིན་བཙག་འཐུ། > ཆུ་ཁ་རྫོང་ཁག་ བྱག་ཕྱོགས་རྒེད་འོག་ ཝང་ཁ་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ༌ཚོགས་པའི་གོ་གནས་ལུ་ དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་སྟོན།

ཆུ་ཁ་རྫོང་ཁག་ བྱག་ཕྱོགས་རྒེད་འོག་ ཝང་ཁ་སྤྱི་འོག་གི་ རྒེད་འོག་ཚོགས་སྡེ༌ཚོགས་པའི་གོ་གནས་ལུ་ དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་སྟོན།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་ ༤༥༧ པའི་དགོངས་དོན་དང་འཁྲིལ་ སྤྱི་ཚེས་༡-༡-༢༠༡༩ ལུ་ ཆུ་ཁ་རྫོང་ཁག་ བྱགས་ཕྱོགས་རྒེད་འོག་ ཝང་ཁ་སྤྱི་འོག་གི་རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ལུ་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་སྐབས་ མི་ངོམ་རྡོ་རྗེ་རྒྱལ་མཚན་ ཝང་ཁ་སྤྱི་འོག་གི་རྒེད་འོག་ཚོགས་སྡེ་ཚོགས་པའི་གོ་གནས་ལུ་ བཙག་འཐུ་གྲུབ་ཡོད་ལུགས་ མི་མང་ཡོངས༌ལུ་བརྡ་འཕྲིན་སྤེལཝ་ཨིན།

ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས༌བསྡོམས་༡༩༦ ཡོད་ས་ལས་ ཚོགས་རྒྱན་བཙུགས་མི་བསྡོམས་༣༧ གྱིས་ཚོགས་རྒྱན་སྐྱུར་ཏེ་ བརྒྱ༌དཔྱ༌༡༨.༩% འོང་ཡོདཔ་ཨིན། ཚོགས་རྒྱན་བཙུགས་མི༌བསྡོམས༌༣༧ གྱིས་སྤྱི་འོག་གི་ཚོགས་རྒྱན་ས་ཁོངས་ནང་ལས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ མི་ངོམ་སྦེ་ ཚོགས་རྒྱན་སྐྱུར་ཡོད༌པའི༌ཁར་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ཕུད་རྡོག་ཅིག་ཡང་མིན་འདུག།

འཐུས་མི་བཙག་འཐུ་གྲུབ་ཡོད་མི་དེ་གིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༥༨༠ པ་དང་འཁྲིལ་ཏེ་ བློ་འབུར་གྱི་ས་སྟོང་བསུབ་ནིའི་དོན་ལུ་ ཧེ་མའི་འཐུས་མི་གིས་ཕྱག་ཞུ་ཡོད་པའི་ ལྷག་ལུས་ཀྱི་གནས་ཡུན་རྐྱངམ་ཅིག་ཕྱག་ཞུ་དགོཔ་ཨིན།

མི་མང་ཡོངས་ལུ་ བཙག་འཐུའི་བཤེར་ཡིག་བཙུགས་ནི་དུས་ཚོད་དེ་ སྤྱི་ཚེས་༢-༡-༢༠༡༩ ལས་ འགོ་བཟུང་ སྤྱི་ཚེས་༡༧-༡-༢༠༡༩ གི་ ཕྱི་རུའི་ཆུ་ཚོད་༤ ལུ་ མཇུག་བསྡུ་ནི་ཨིན་པའི་སྙན་ཞུ་འབདཝ་ཨིན། རང་ལུགས་གནམ་ལོ་ས་ཕོ་ཁྱི་ལོ་ ཟླ་༡༡ པའི་ཚེས་༢༧ ནམ་ སྤྱི་ཚེས་ ༢-༡-༢༠༡༩ ལུ།

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email