Home > གནས་ཚུལ། > བཙག་འཐུ་ལྷ་ཚོགས་ཀྱི་ལོ་བསྟར་གྲོས་འཛོམས་ ཐེངས་ ༥ པ།

བཙག་འཐུ་ལྷ་ཚོགས་ཀྱི་ལོ་བསྟར་གྲོས་འཛོམས་ ཐེངས་ ༥ པ།

 

བཙག་འཐུ་ལྷ་ཚོགས་ཀྱི་ལོ་བསྟར་གྲོས་འཛོམས་ ཐེངས་ ༥ པ་འདི་ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༥ ལས་ ༧ ཚུན་ལུ་ ཀ་ཝང་བྱང་ས་ལུ་ཡོད་པའི་ དམང་གཙོའི་ཁང་བཟང་གི་ནང་ལུ་ བཞི་པ་ཆེན་པོའི་ཚོགས་ཁང་ནང་འབད་ ཁག་འགན་ ༢༠༡༨ མཐར་འཁྱོལ་ཅན་གྱི་སྤྱི་ཚོགས་ཀྱི་བཙག་འཐུ་ཐེངས་ ༣ པ་ ཟེར་བའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན།

 

གྲོས་འཛོམས་འདི་ མི་རྗེ་འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་མཆོག་གིས་དབུ་ཁྲིད་མཛད་དེ་ཡོདཔ་ད འདི་ནང་ལུ་ལྷན་འཛིན་གཉིས་ དྲུང་ཆེན་དང་ ཡིག་ཚང་ལྟེ་བའི་ལས་བྱེདཔ་ཡོངས་དང་ རྫོང་ཁག་ ༢༠ གི་ བཙག་འཐུའི་ལས་བྱེདཔ་ཡོངས་ཀྱིས་ གྲལ་གཏོགས་འབད་དེ་ཡོདཔ་ཨིན།

 

གྲོས་འཛོམས་འགོ་འབྱེད་ཀྱི་སྐབས་ལུ་ གཤམ་གསལ་ཡིག་ཆ་ཚུ་ གསར་སྟོན་དང་འགོ་འབྱེད་གནང་སྟེ་ཡོད།

 

༡. སྤྱི་ལོ་ ༢༠༡༦ གི་ ཉམས་མྱོང་ལས་བརྟེན་པའི་ལྷབ་སྦྱང་གི་ གནད་དོན་རྩ་ཅན་ཚུ་དང་ གྲོས་འབུལ་ ལག་ལེན་  འཆར་གཞི།

. སྤྱི་ལོ་ ༢༠༡༦ གི་ རྒྱལ་ཡོངས་ཚོགས་རྒྱན་སྐྱུར་མིའི་ཉིནམ་གི་སྙན་ཞུ།

. སྤྱི་ལོ་ ༢༠༡༦ གི་ས་གནས་གཞུང་གི་བཙག་འཐུ་ཐེངས་ ༢ པ་དང་འབྲེལ་བའི་ བརྡ་འཕྲིན་དང་ གནས་ཚུལ་  གསར་སྟོན་དང་ ཡིག་ཆ་གཞན་མི་ཚུ་གི་བསྡུ་དེབ།

 

 

གྲོས་འཛོམས་ཀྱི་དམིགས་ཡུལ་ངོ་མ་འདི་རང་ ད་ལྟོ་ཚུན་ལུ་ལཱ་བྱ་འཐབ་ཡོད་པའི་ ལས་དོན་ཚུ་ལུ་ བསྐྱར་ཞིབ་འབད་ནི་དང་ སྤྱི་ལོ་ ༢༠༡༨ ཀྱི་སྤྱི་ཚོགས་ཀྱི་བཙག་འཐུའི་དོན་ལས་ སྒྲ་སྒྲིག་འབད་ནི་འདི་ཨིནམ་ལས་ གྲོས་འཛོམས་འདི་ནང་ལུ་ སྤྱི་ལོ་ ༢༠༡༦ གི་ཉམས་མྱོང་ལས་བརྟེན་པའི་ལྷབ་སྦྱང་ལས་རིམ་ནང་ལུ་ འགན་འཛིན་པ་ མང་རབས་ཅིག་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ཐོབ་པའི་ གྲོས་འབུལ་དང་བསམ་འཆར་ཚུ་དང་ སྤྱི་ལོ་ ༢༠༡༨ ཀྱི་དོན་ལུ་ སྒྲ་སྒྲིག་གི་ལཱ་འབད་ངང་ཡོད་མི་ཚུ་ལུ་གཙོ་བོར་བཏོན་ནི་ཨིན།

 

རྫོང་ཁག་རང་སོའི་དཔེ་ཚད་ཚུ་ འགྲེམསྟོན་འབད་ནིའི་དོན་ལུ་ རྫོང་ཁག་རེ་གིས་ བརྗོད་དོན་དང་ ལས་སྣ་མ་འདྲཝ་གི་ཐོག་ལུ་ (Stall) རེ་བཙུགས་ཏེ་ཡོདཔ་ད་ སྤྱི་ལོ་ ༢༠༡༨ ཀྱི་ སྤྱི་ཚོགས་ཀྱི་བཙག་འཐུ་ མཐར་འཁྱོལ་ཅན་འབད་ འགོ་འདྲེན་འཐབ་ནིའི་དོན་ལུ་ དང་ལེན་འབད་དེ་ཡོད་པའི་ ཐབས་ལམ་ཚུ་ རྫོང་ཁག་རེ་རེ་བཞིན་དང་ ཡིག་ཚང་ལྟེ་བའི་བར་ན་ ཐབས་ལམ་བརྗེ་སོར་འབད་ནིའི་དོན་ལུ་ཨིན།

 

བརྡ་བརྒྱུད་སྡེ་ཕྲན།

འབྲུག་གི་བཙག་འཐུ་ལྷན་ཚོགས།

Print Friendly, PDF & Email