Home > གནས་ཚུལ། > ས་གནས་གཞུང་གི་འདེམས་ཁོངས་སྟོངམ་ ༦༠ དང་ ཐིམ་ཕུག་རྫོང་ཁག་ སྲོས་རྒེད་འོག་གི་ རྡོ་བཟོ་སྟོན་སྤྱི་འོག་གི་བཙག་འཐུའི་གྲུབ་འབྲས།

ས་གནས་གཞུང་གི་འདེམས་ཁོངས་སྟོངམ་ ༦༠ དང་ ཐིམ་ཕུག་རྫོང་ཁག་ སྲོས་རྒེད་འོག་གི་ རྡོ་བཟོ་སྟོན་སྤྱི་འོག་གི་བཙག་འཐུའི་གྲུབ་འབྲས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ ཁ་ཙ་ སྤྱི་ཚེས་ ༡༨/༤/༢༠༡༧ གྱི་ཉིནམ་ལུ་ འདེམས་ཁོངས་ལྷག་ལུས་ ༦༠ ནང་ལུ་ ས་གནས་གཞུང་གི་བཙག་འཐུ་དང་ ཐིམ་ཕུག་རྫོང་ཁག་ སྲོས་རྒེད་འོག་གི་ རྡོ་བཟོ་སྟོན་སྤྱི་འོག་ནང་ལུ་ རྒེད་འོག་ཚོགས་སྡེ་ཚོགས་པའི་བཙག་འཐུ་ རང་མོས་དང་རྣམ་དག་གི་སྒོ་ལས་ མཐར་འཁྱོལ་ཅན་ཅིག་འབད་ འགོ་འདྲེན་འཐབ་ཚར་ཏེ་ཡོདཔ་ཨིན།

 

ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ ༡༥༦༦༤ ཡོད་ས་ལས་ མི་གྲངས་ ༤༨༢༡ གིས་ཚོགས་རྒྱན་སྐྱུར་ཏེ་ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ་ ༣༠.༨% འོང་ཡོདཔ་ད་ ཚོགས་རྒྱན ༤༨༢༡ བཙུགས་ས་ལས་ ཚོགས་རྒྱན་བསྡོམས་ ༤༧༥༩ འདི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཚོགས་རྒྱན་ས་ཁོངས་ནང་ དོན་རྐང་བཙུགས་འབད་འོང་སྟེ་ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་བཙུགས་ཡོདཔ་དང་ ཚོགས་རྒྱན་ ༦༢ འདི་ འགྲེམ་ཐོག་ཚོགས་རྒྱན་གྱི་ཐོག་ལས་ བཙུགས་ཡོདཔ་ཨིན། རྩོད་རྙོགས་ཀྱི་རིགས་ག་ནི་ཡང་ མ་ཐོན་པའི་ཁར་ ཚོགས་རྒྱན་ས་ཁོངས་གཅིག་གི་ནང་ལུ་ཡང་ དཀའ་ངལ་ཚུ་ག་ནི་ཡང་མ་ཐོན།

 

བསྡོམས་ཀྱིས་ འདེམས་ངོ་ ༧༦ ཡོད་ས་ལས་ མོ་ ༡༣ དང་ ཕོ་ ༦༣ གྱིས་ བཙག་འཐུའི་ནང་དོ་འགྲན་འབད་དེ་ ཡོད་ས་ལས་ མོ་ ༨ ནང་ དང་ཕོ་ ༤༣ བཙག་འཐུ་གྲུབ་ཡོདཔ་ཨིན།

 

འདེམས་ཁོངས་ ༡༠ ནང་ལུ་ དྭང་འདོད་བསྐྱེད་མི་མི་ངོམ་ ག་ཡང་མ་ཐོནམ་ལས་ རྒེད་འོག་ཚོགས་སྡེ་ཚོགས་པའི་འདེམས་ཁོངས་ ༦ དང་ རྫོང་ཁག་ཁྲོམ་སྡེ་ངོ་ཚབ་ཀྱི་འདེམས་ཁོངས་ ༣ རྫོང་ཁག་ཁྲོམ་སྡེ་ཚོགས་སྡེ་ཚོགས་པའི་ འདེམས་ཁོངས་ལས ༡ འབདཝ་ད་ ད་རུང་ འདེམས་ཁོངས་ ༡༠ ས་སྟོང་འབད་ལུས་ཡོདཔ་ཨིན།

 

་ལྟོ་གི་བཙག་འཐུ་མཇུག་བསྡུཝ་ད་ ས་གནས་གཞུང་ནང་ལུ་ མོ ༡༧༡ དང་ ཕོ་ ༡༣༡༨ འབདཝ་ད་ མི་ངོམ་ ༡༤༨༩ བཙག་འཐུ་གྲུབ་ཡོདཔ་ཨིན།

 

གྲུབ་འབྲས་ཀྱི་ཁ་གསལ་འདི་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.ecb.bt/vacant2017 ནང་ལས་ཐོབ་ཚུགས་ཟེར་ཞུ་ནི་ཨིན།

 

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email