Home > featureddz > ཐིམ་ཕུག་རྫོང་ཁག་གི་ བྱང་ཐིམ་ཁྲོམ་-ཀ་ཝང་-གླིང་བཞི་-ན་རོ་-སྲོས་འདེམས་ཁོངས་ཀྱི་དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས་༢༠༡༦།

ཐིམ་ཕུག་རྫོང་ཁག་གི་ བྱང་ཐིམ་ཁྲོམ་-ཀ་ཝང་-གླིང་བཞི་-ན་རོ་-སྲོས་འདེམས་ཁོངས་ཀྱི་དུས་མིན་བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས་༢༠༡༦།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༤༥༧ པ་དང་འཁྲིལ་ སྤྱི་ཚེས་༤-༡༠-༢༩༡༦ ལུ་ ཐིམ་ཕུག་རྫོང་ཁག་གི་བྱང་ཐིམ་ཁྲོམ་ཀ་ཝང་གླིང་བཞི་ན་རོ་སྲོས་ཀྱི་རྒྱལ་ཡོངས་ཚོགས་འདུའི་འདེམས་ཁོངས་ནང་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ངོ་ཚབ་སྦེ་ མི་སེར་དམངས་གཙོའི་ཚོགས་པ་གི་ མི་ངོམ་ཚེ་རིང་འདི་ བཙག་འཐུ་གྲུབ་ཡོད་པའི་སྐོར་ མི་མང་ཡོངས་ལུ་བརྡ་འཕྲིན་སྤེལཝ་ཨིན།

ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༦༣༡༢ (ཕོ་རྒས་༢༩༣༣ དང་ ཨམ་སྲུ་ ༣༣༧༩) ལས་ ཚོགས་རྒྱན་སྐྱུར་བར་འོང་མི་བསྡོམས་ ༢༦༩༢ ཀྱིས་ཚོགས་རྒྱན་བཙུགས་ཏེ་ཡོདཔ་ལས་ བརྒྱ་དཔྱ་༤༢.%་གིས་ ཚོགས་རྒྱན་བཙུགས་ཏེ་འདུག།  ཚོགས་རྒྱན་བཙུགས་ཡོད་མི་ཡོངས་བསྡོམས་ལས་ ཚོགས་རྒྱན་༢༦༧༦ འདི་ ཚོགས་རྒྱན་ས་ཁོངས་༡༤ ཚུ་ནང་ མི་ངོ་བོ་འབད་འགྱོ་སྟེ་ ཚོགས་རྒྱན་འཕྲུལ་ཆ་ཐོག་བཙུགས་ཏེ་ཡོདཔ་དང་ ཚོགས་རྒྱན་༡༦ འདི་ འགྲེམ་ཐོག་རྒྱན་ཤོག་ཐོག་བཙུགས་ཏེ་འདུག།

དུས་མིན་བཙག་འཐུ་འདི་ནང་ དོ་འགྲན་འབད་མི་འདེམས་ངོ་གཉིས་ཆ་རང་གིས་ གྲུབ་འབྲས་གསལ་བསྒྲགས་འབད་བའི་ཉིན་གྲངས་སུམ་ཅུའི་ནང་འཁོད་ འདི་ཡང་ སྤྱི་ཚེས་༤-༡༢-༢༠༡༦ གི་ཕྱི་རུའི་ཆུ་ཚོད་༤ ལས་མ་ཕྱི་བར་ མི་མང་བཙག་འཐུའི་མ་དངུལ་འབྲི་ཤོག་ཨང་ ༧ ང་པའི་ཐོག་ ཐིམ་ཕུག་རྫོང་ཁག་བཙག་འཐུ་ཡིག་ཚང་ ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བའི་ མི་མང་བཙག་འཐུའི་མ་དངུལ་སྡེ་ཚན་ལུ་ བཙག་འཐུའི་ཟད་གྲོན་སྙན་ཞུ་ཚུ་ འབད་དགོ་པའི་དྲན་གསོ་འབདཝ་ཨིན།

མི་མང་ཡོངས་དང་ འབྲེལ་ཡོད་ཚུ་གིས་ དུས་མིན་བཙག་འཐུ་འདི་གི་དོན་ལས་ བཙག་འཐུའི་བཤེར་ཡིག་བཙུགས་ནིའི་དུས་ཚོད་འདི་ ངལ་གསོ་ཚུ་མ་རྩིས་བའི་ཉིན་གྲངས་བཅུ་ཐམ་གི་དུས་ཡུན་འདི་ ད་རེས་ལས་འགོ་བཙུགས་ སྤྱི་ཚེས་༢༡-༡༡-༢༠༡༦ གི་ཕྱི་རུའི་ཆུ་ཚོད་༤ ལུ་མཇུག་བསྡུཝ་ཨིན་པའི་དྲན་གསོ་ཕུལཝ་ཨིན།

རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ ཟླ་དགུ་པའི་ཚེས་དྲུག་གམ་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༥ ལུ་སྤེལ།

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email