Home > གནས་ཚུལ་གསར་སྟོན། > གནས་ཚུལ་གསར་སྟོན།

གནས་ཚུལ་གསར་སྟོན།

༉    འབྲུག༌གི༌བཙག༌འཐུ༌ལྷན༌ཚོགས༌ཀྱིས༌ མི༌མང༌ཡོངས༌ལུ་ཞུ་དོན་འདི་ཡང་ ད་རེས་ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་༢༠༡༦ འགོ་འདྲེན་འཐབ་ནི་དོན་ལས་ བཙག་འཐུའི་བརྡ་འཕྲིན་སྤེལ་ཡོད་པའི་ལྷན་ཐབས་ལུ་ སྤྱི་འོག་/གཡུས་ཚན་གྱི་གནས་ཚད་ཐོག་ འགོ་འདྲེན་འཐབ་པའི་གདམ་ངོའི་འཛོམས་འདུ་འདི་ སྤྱི་ཚེས་༡༡-༨-༢༠༡༦ ལས་འགོ་བཙུགས་ སྤྱི་ཚེས་༢༨-༠༨-༢༠༡༦ ལུ་ མཇུག་བསྡུ་སྟེ་ཡོད།

འདེམས་ངོའི་གདམ་ངོ་བཏོན་ནི་འཛོམས་འདུའི་སྐོར་ བརྡ་དོན་སྤེལ་ནི་འདི་ཡང་

༡.    རྫོང་ཁག་༢༠ གི་རྒེད་འོག་༢༠༥ དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ལུ་ འབྲེལ་ཡོད་རྫོང་ཁག་བཙག་འཐུའི་དབང་འཛིན་ཚུ་གི་མངའ་འོག་ སྡེ་ཚན་བསྡོམས་༩༠ གིས་ འཛོམས་འདུ་ཁག་༡༠༥༢ འགོ་འདྲེན་འཐབ་ཅི།

༢.    འཛོམས་འདུ་ཚུ་གི་སྐབས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༡༠༡,༠༦༠ བརྒྱ་ཆ་༢༥% གིས་ བཅའ་མར་གཏོགས་ཏེ་འདུག།

༣.    འཛོམས་འདུ་འདི་ནང་ རྒཔོ་གི་གདམ་ངོའི་དོན་ལུ་ དང་འདོད་བསྐྱེད་མི་གྲངས་བསྡོམས་༩༠༦ (ཨམ་སྲུ་༥༠ དང་ ཕོ་རྒས་༨༥༦) ཡོད་མི་ལས་ མི་གྲངས་བསྡོམས་༦༡༦ (ཨམ་སྲུ་༢༧ བརྒྱ་དཔྱ་༥༤% དང་ ཕོ་རྒས་༥༨༩ བརྒྱ་དཔྱ་༦༩%) ཚུ་ འཛོམས་འདུའི་ནང་ལས་ གདམ་ངོ་གྲུབ་ཅི།

༤.    དེ་བཟུམ་སྦེ་ དམངས་མི་གི་གདམ་ངོའི་དོན་ལུ་ དང་འདོད་བསྐྱེད་མི་གྲངས་བསྡོམས་༩༢༦ (ཨམ་སྲུ་༡༢༢ དང་ ཕོ་རྒས་༨༠༤) ཡོད་མི་ལས་ མི་གྲངས་བསྡོམས་༦༥༤ (ཨམ་སྲུ་༧༨ བརྒྱ་དཔྱ་༦༤% དང་ ཕོ་རྒས་༥༧༦ བརྒྱ་དཔྱ་༧༢%) ཚུ་ གདམ་ངོ་གྲུབ་ཅི། བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ཁྲོམ་དཔོན་གྱི་གདམ་ངོའི་དོན་ལུ་ ཨམ་སྲུ་ དང་ ཕོ་རྒས་ འཐོན་ཡོད་མི་ལས་ ཨམ་སྲུ་ དང་ ཕོ་རྒས་ གདམ་ངོ་གྲུབ་ཅི།

༥.    འཛོམས་འདུ་ཁག་༢༢ ནང་ལུ་ འདེམས་ངོའི་གདམ་ངོ་གི་མི་ངོམ་ཕུད་རྡོག་རེ་ལས་འགལ་མེད་མི་ནང་ “དགོ་” དང་ “མི་དགོ་” གི་ཚོགས་རྒྱན་བཙུགས་སྐབས་ “མི་དགོ་” ཟེར་བའི་ཚོགས་རྒྱན་མངམ་ལས་བརྟེན་ གདམ་ངོ་ཆ་མེད་བཏང་ཡོད་མི་ནང་ ཨམ་སྲུ་ དང་ ཕོ་རྒས་༡༩ ཨིན་མས། འཛོམས་འདུ་ཁག་ གི་ནང་ ཚོགས་རྒྱན་གྱི་གྲུབ་འབྲས་ འདྲ་མཉམ་འཐོན་ཡོད་མི་ནང་ བྱ་སྒོའི་རིམ་པ་དང་འཁྲིལ་ ཚོགས་རྒྱན་ལོག་སྟེ་འགོ་འདྲེན་འཐབ་དགོཔ་ཚུ་ཡང་བྱུང་ཡི།

རྒཔོ་ དམངས་མི་ དེ་ལས་ཁྲོམ་དཔོན་གྱི་གོ་གནས་དོན་ལུ་ གདམ་ངོ་གྲུབ་པའི་འདེམས་ངོ་ཚུ་གིས་ གདམ་ངོའི་བརྟག་ཞིབ་འདི་ སྤྱི་ཚེས་༣༡-༨-༢༠༡༦ ལུ་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་ལུ་ ཚོགས་པའི་འདེམས་ངོ་ཚུ་དང་གཅིག་ཁར་ གདམ་ངོའི་ཡིག་ཆ་ཚུ་བཙུགས་ནི་ཨིན།

གདམ་ངོའི་ཡིག་ཆ་བརྟག་ཞིབ་འདི་ སྤྱི་ཚེས་༡-༩-༢༠༡༦ ལུ་དང་ འདེམས་ངོ་ལས་ཕྱིར་འཐོན་གྱི་མཐའ་མཇུག་ཚེས་གྲངས་ལུ་འགོ་འདྲེན་འཐབ་ཞིནམ་ལས་ སྤྱི་ཚེས་༣-༩-༢༠༡༦ ལས་འགོ་བཙུགས་ བཙག་འཐུའི་བསྐུལ་བསྒྲགས་འགོ་བཙུགས་ནི་ཨིན།

བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་དང་ སྤ་རོ་རྫོང་ཁག་ལུང་ཉིས་རྒེད་འོག་ལས་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བ་ལུ་ རྩོད་རྙོགས་ཀྱི་ཐོ་གཏུགས་རེ་ལྷོད་དེ་ཡོད།

གདམ་ངོ་བཏོན་ནི་གི་འཛོམས་འདུའི་བྱ་སྒོ་རིམ་པ་འདི་ནང་ འགྲེམ་ཐོག་རྒྱན་ཤོག་གི་མཐུན་རྐྱེན་སྐོར་ལས་ བསམ་འཆར་བཀོད་མི་ལེ་ཤ་ཅིག་རང་འཐོན་ཡི། གནད་དོན་འདི་གི་ཐད་ འགྲེམ་ཐོག་རྒྱན་ཤོག་བྱིན་དགོ་པ་ཅིན་ འདེམས་ངོ་འདི་ གཏན་འཁེལ་འགྱོ་དགོཔ་དང་ འདེམས་ངོའི་མི་ངོམ་གཏན་འཁེལ་འདི་ གདམ་ངོ་བཏོན་ནི་འཛོམས་འདུའི་སྐབས་ལུ་མ་གཏོགས་ ཤེས་ཐབས་མེད། དེ་འབདཝ་ལས་ འཛོམས་འདུའི་སྐབས་ལུ་ འགྲེམ་ཐོག་རྒྱན་ཤོག་འདི་ བྱ་སྟབས་བདེ་སྡུག་ཚུ་ལུ་བརྟེན་མིན་པར་ ལག་ལེན་གྱི་འོས་འབབ་རང་མེདཔ་འདི་ མི་མང་ཡོངས་ཀྱིས་ མཁྱེན་དགོཔ་ཁག་ཆེ།

མི་མང་གི་བརྡ་དོན་ལུ་སྤེལཝ་ཨིན།

 

 

 

འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Print Friendly, PDF & Email