Home > གསལ་བསྒྲགས།

ཁྱབ་བསྒྲགས།

དང་འདོད་ཅན་གྱི་མི་ངོམ་ཚུ་གིས་ སྤྱི་ལོ་ ༢༠༡༨ ཀྱི་ སྤྱི་ཚོགས་ ༣ པའི་རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ལུ་ སྒྲ་སྒྲིག་འབད་ཐབས་ཀྱི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཉིནམ་ཅིག་གི་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ལུ་ བརྡ་འཕྲིན་སྤེལཝ་ཨིན། དེ་འབདཝ་ལས་ ལས་རིམ་འདི་གི་དོན་ལུ་ ཁྱད་ཚད་ལྡན་པའི་ དང་འདོད་ཅན་གྱི་མི་ངོམ་ཚུ་གིས་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༢༠ འི་ནང་འཁོད་ལུ་ ཀ་ཝང་བྱང་ས་ལུ་ཡོད་པའི་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བའི་ནང་ མི་སྡེ་དང་བཙག་འཐུའི་སྦྱོང་བརྡར་ལས་ཁུངས་དང་ ཡང་ན་ རང་སོའི་རྫོང་ཁག་བཙག་འཐུའི་ཡིག་ཚང་ནང་ ཐོ་བཀོད་མཛད་གནང་ཟེར་ཞུ་ནི་ཨིན། སྦྱོང་བརྡར་ལས་རིམ་འདི་ཡང་ ཐོ་བཀོད་འབད་མིའི་གྱངས་ཁ་དང་འཁྲིལ་ཏེ་ ས་གནས་ཁག་སོ་སོའི་ནང་ལུ་ སྤྱི་ཟླ་ ༡༠ པའི་ནང་འཁོད་ལུ་ འགོ་འདྲེན་འཐབ་ནི་ཨིན། ཁ་གསལ་གྱི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཡིག་ཚང་ལྟེ་བའི་ནང་ བཙག་འཐུའི་མི་སྡེ་དང་ སྦྱོང་བརྡར་ལས་ཁུངས་ཀྱི་འགོ་འཛིན་ ཕུརཔ་རྡོ་རྗེ་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༠༢-༣༤༠༦༠༡ གི་ཐོག་ལས་ འབྲེལ་བ་འཐབ་སྟེ་ བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་ཨིན། འབྲུག་གི་བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ།

Read More

མི་དམངས་བསླབ་སྟོན།

རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ བཙག་འཐུ་དང་འབྲེལ་བའི་ཁྲིམས་ཚུ་དང་འཁྲིལ་ཏེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་འདི་ སྤྱི་ལོ་ ༢༠༡༨ ལུ་ འགོ་འདྲེན་འཐབ་ནི་ཨིནམ་འབད་ མི་དམང་ལུ་ སྙན་སྒྲོན་ཞུཝ་ཨིན།   བཙག་འཐུའི་གནས་ཡུན་སྐབས་ལུ་ བཙག་འཐུ་འདི་ བར་དཀྲོགས་ག་ནི་ཡང་མེད་པར་ རང་མོས་དང་རྣམ་དག་གི་ཐོག་ལས་འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ཆོས་འབྲེལ་གྱི་ལས་རིམ་ཡང་ན་ གཞན་མི་དམང་སྤུངས་འཛོམས་ཀྱི་ལས་རིམ་ཚུ་ འབད་ནི་ལས་འཛེམ་དགོཔ་ཨིནམ་ལས་ གཞུང་གི་ལས་སྡེ་དང་ རང་སྐྱོང་ལས་སྡེ་ ལས་འཛིན་ སྒེར་གྱི་ཡིག་ཚང་ ཆོས་སྡེ་དང་མི་དམང་ཡོངས་ལུ་ འདི་བཟུམ་མའི་ལས་རིམ་རེ་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་པ་ཅིན་ སྤྱི་ལོ་ ༢༠༡༨ ཀྱི་ སྤྱི་ཟླ་ ༢ པ་ལས་ ༥ པའི་བར་ན་དང་ སྤྱི་ཟླ་ ༨ པ་ལས་ ༡༠ པའི་བར་ན་ལུ་ མ་ཚུདཔ་འབད་ འགོ་འདྲེན་འཐབ་གནང་དགོཔ་འབད་ སྔ་གོང་ལས་ ཞུ་བ་འབདཝ་ཨིན།   ཐོ་བཀོད་གྲུབ་པའི་སྲིད་དོན་ཚོགས་པ་དང་ འདེམས་ངོ་འབད་ འཐོན་ནིའི་བློ་འདོད་ཡོད་མི་ཚུ་ལུ་ཡང་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཁྲིམས་མཐུན་གྱི་ སྒྲ་སྒྲིག་གི་ལས་སྣ་ཚུ་འབད་ནིའི་དོན་ལུ་དང་ གོང་བཞིན་ དང་ལེན་འབད་དགོ་པའི་དྲན་བསྐུལ་འབདཝ་ཨིན།     འབྲུག་གི་བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ།

Read More

འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་གྲུབ་འབྲས་གསལ་བསྒྲགས་ ༢༠༡༧།

གྲུབ་འབྲས་ཕབ་ལེན། གསལ་བསྒྲགས། ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འཕྲལ་ཁམས་ཅིག་ལུ་ ས་སྟོང་ཞུགས་ཡོད་མི་འདེམས་ཁོངས་༦༠ དང་ དྭངས་ཆུ་རྒེད་འོག་གི་དོན་ལུ་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ འགོ་འདྲེན་འཐབ་ཡོད་མི་གི་གྲུབ་འབྲས་འདི་ དགའ་སྤྲོ་དང་བཅས་པའི་ཐོག་ལས་ གསལ་བསྒྲགས་འབདཝ་ཨིན། བརྟག་དཔྱད་ནང་ལུ་ ཐོ་བཀོད་འབད་དེ་ཡོད་མི་ཡོངས་བསྡོམས་༥༦ ལས་ མི་གྲངས་༥༠ གིས་བཅའ་མར་གཏོགས་པར་འཐོན་ཡོད་མི་གྲལ་ལས་ ཕོ་༣༦ དང་ མོ་༡༤ འདུག། བརྟག་དཔྱད་ནང་བཅའ་མར་གཏོགས་མི་གྲལ་ལས་ མི་གྲངས་༤༧ (ཕོ་༣༤ དང་ མོ་༡༣) ཀྱིས་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་ནང་ལས་ མཐར་འཁྱོལ་ཏེ་ཡོད་པའི་ལག་ཁྱེར་བྱིན་ནི་ཨིན། གྲུབ་འབྲས་ཚུ་ཐིམ་ཕུག་འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་དང་འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་ཡང་ན་ཡོངས་འབྲེལ་ཁ་བྱང་http://www.ecb@.btནང་ལས་ཐོབ་ཚུགས། འབྲི་དཔྱད་ལོག་སྟེ་བརྟག་དཔྱད་འབད་དགོ་པ་ཅིན་འདི་གི་ཞུ་ཡིག་འདི་སྤྱི་ཚེས་༡༨-༢-༢༠༡༧གྱི་ནང་འཁོད་ཡིག་ཚང་གི་དུས་ཚོད་ལུ་འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་ཡང་ན་ཐད་ཀར་དུ་བཙག་འཐུ་ལས་ཁུངས་ཀྱི་འགོ་འཛིན་ལུ་བཙུགས་གནང། ས་སྟོང༌ཞུགས༌ཡོད༌པའི༌འདེམས༌ཁོངས༌༦༠ ནང་ བཙག་འཐུའི་དོ་འགྲན་འབད་ནི་དང་འདོད་ཡོད་མི་འདེམས་ངོ་ཚུ་གིས་བཙག་འཐུའི་གསལ་བསྒྲགས་འབད་ཚར་བའི་ཤུལ་ལུ་ གདམ་ངོའི་ཡིག་ཆ་བཙུགས་ནི་གི་དོན་ལས་དགོས་མཁོའི་ཡིག་ཆ་བཏོན་ནི་གི་ལཱ་ཚུ་འགོ་བཙུགས་དགོཔ་ལུ་ཡང་བསྐྱར་གྱི་དྲན་གསོ་ཕུལཝ་ཨིན།   རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ཟླ་བཅུ་གཉིས་པའི་ཚེས་ ༡༣ འམ་ སྤྱི་ལོ་༢༠༡༧ ཟླ་༢ པའི་ཚེས་ ༩ ལུ་སྤེལ།   (ཆོས་རྒྱལ་ཟླ་སྒོ་རིག་འཛིན་) འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

མི་མང་བསླབ་སྟོན།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཡང་བསྐྱར་དྲན་གསོ་ཞུ་དོན་འདི་ཡང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་རང་ སྤྱི་ཚེས་༢༧-༩-༢༠༡༦ གི་ ཚོགས་རྒྱན་ཉིནམོ་ལུ་ ཚོགས་རྒྱན་ས་ཁོངས་ནང་ལྷོད་པའི་སྐབས་ ཚོགས་རྒྱན་སྐྱུར་མི་དེ་གི་ངོས་འཛིན་འབད་ནི་འདི་  འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་སྤྲོད་མི་ ཚོགས་རྒྱན་སྐྱུར་མི་ངོས་འཛིན་འདྲ་པར་ རྐྱངམ་ཅིག་ལུ་ ཆ་འཇོག་འབད་ནི་ཨིན་པའི་ དྲན་གསོ་ཞུཝ་ཨིན། དེ་འབདཝ་ལས་ ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱི་རང་ ཚོགས་རྒྱན་ཉིནམོ་དེ་ཁར་ ཚོགས་རྒྱན་སྐྱུར་མི་ངོས་འཛིན་འདྲ་པར་ བསྣམ་སྟེ་འབྱོན་དགོཔ་འདི་ ཐུགས་ལུ་བསྣམ་དགོཔ་དང་ རང་སོའི་མི་ཁུངས་ངོ་སྤྲོད་ལག་ཁྱེར་འདི་ཡང་ བསྣམ་ཏེ་འབྱོན་དགོ། གལ་སྲིད་ ཚོགས་རྒྱན་སྐྱུར་མི་ངོས་འཛིན་འདྲ་པར་འདི་ལས་བརྟེན་པའི་ རྩོད་རྙོགས་རེ་འཐོན་ཏེ་འབད་བ་ཅིན་ སྡེ་ཁྲིད་འགོ་དཔོན་གྱིས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་འདི་ལུ་གཞི་བཞག་སྟེ་ གྲོས་ཐག་ཆོད་དགོཔ་ཨིན། དེ་འབདཝ་ལས་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མི་ཆ་མཉམ་གྱིས་ རང་སོའི་ཚོགས་རྒྱན་སྐྱུར་མི་ངོས་འཛིན་འདྲ་པར་འདི་ འབྲུག་རྒྱལ་ཡོངས་རྒྱལ་དར་གྱི་ཚོས་གཞི་ཅན་སྦེ་ཡོད་མི་འདི་ ཨིན་ན་མེན་གི་ལྟ་རྟོག་ཚུ་འབད་གནང་དགོ་པའི་ དྲན་གསོ་ཞུཝ་ཨིན། གལ་སྲིད་ ཁྱོད་རང་ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཨིན་རུང་ ཚོགས་རྒྱན་སྐྱུར་མི་ངོས་འཛིན་འདྲ་པར་མེད་དེ་འབད་བ་ཅིན་ རང་སོའི་འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་ ཡང་ན་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ལྟེ་བ་དང་གཅིག་ཁར་འབྲེལ་བ་འཐབ་སྟེ་ ཚོགས་རྒྱན་སྐྱུར་མི་ངོས་འཛིན་འདྲ་པར་འདི་ལེན་ཞིནམ་ལས་ སྤྱི་ཚེས་༢༧-༩-༢༠༡༦ རེས་གཟའ་ལྷག་པའི་ཚེས་ ཚོགས་རྒྱན་ས་ཁོངས་ནང་འབྱོན་པའི་སྐབས་བསྣམ་འབྱོན་གནང་ཟེར་བའི་དྲན་གསོ་ཞུཝ་ཨིན།   “ཚོགས་རྒྱན་ཉིནམོ་ཚུན་ལུ་འགུག་སྟེ་མ་བཞུགས་པར་ ད་ལྟོ་ལས་རང་མཛད་གནང་”

Read More

ཁྱབ་བསྒྲགས།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་དང་ ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་འདུའི་འདེམས་ཁོངས་ བྱང་ཐིམ་ཕུག་-ཀ་ཝང་-གླིང་བཞི་-སྲོས་-ན་རོ་གི་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཞུ་དོན་འདི་ཡང་ གོང་འཁོད་འདེམས་ཁོངས་འདིའི་ སྤྱི་ཚོགས་ཀྱི་འཐུས་མི་གིས་ སྤྱི་ཚེས་༡༡-༨-༢༠༡༦ ལས་འགོ་བཙུགས་ དགོངས་ཞུ་འབད་དེ་ས་སྟོང་འཐོན་ཡོད་པའི་སྐོར་ འབྲུག་གི་སྤྱི་ཚོགས་ཀྱི་མི་རྗེ་ཚོགས་དཔོན་མཆོག་ལས་ སྤྱི་ཚེས་༢༢-༨-༢༠༡༦ ལུ་ ཡིག་ཨང་ ཨེན་ཨེ་བི་/ཨེ་སི་པི་-༡༨/༢༠༡༦/༡༦༣ སྤྱི་ཚེས་༢༢-༨-༢༠༡༦ ཅན་མ་འབྱོར་ཡོད་པའི་བརྡ་དོན་སྤེལཝ་ཨིན། དེ་དང་འཁྲིལ་ཏེ་ དུས་མིན་བཙག་འཐུའི་བྱ་སྒོ་རིམ་པ་འདི་ ཆོས་སྲིད་གཉིས་ཀྱི་མངའ་དབང་སྒྱུར་བའི་ ༧དཔལ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འབྲུག་རྒྱལ་པོའི་བཀའ་ཐམ་ཕེབས་པའི་ཤུལ་ལུ་ བཙག་འཐུའི་ཁྲིམས་ལུགས་ཀྱི་དགོངས་དོན་དང་འཁྲིལ་ སྤྱི་ཟླ་༡༠ པའི་སྔ་ཆ་ལུ་འགོ་བཙུགས་ཏེ་ བཙག་འཐུ་འདི་ ཆེད་དམིགས་བཀོད་པའི་ཉིན་གྲངས་༩༠ ནང་འཁོད་ མཇུག་བསྡུ་ནི་ཨིན། བཙག་འཐུའི་ལས་འཆར་འདི་ ཁྲིམས་ལུགས་ཀྱི་དགོངས་དོན་ཚུ་ལུ་གཞིར་བཞག་ཐོག་འབད་དགོཔ་དང་ དུས་མིན་བཙག་འཐུ་འདི་ ད་ལྟོ་འབྲེལ་ཡོད་རྒེད་འོག་བཞི་ནང་ ས་གནས་གཞུང་གི་བཙག་འཐུ་ འགོ་འདྲེན་འཐབ་འཕྲོ་ཡོད་མི་དང་གཅིག་ཁར་ དུས་མཉམ་མེདཔ་ངེས་བདེན་བཟོ་ཐབས་ལུ་ཨིནམ་མ་ཚད་ འདི་དང་གཅིག་ཁར་ གནམ་དགུན་གྱི་སྤྱི་ཚོགས་འཚོགས་རིམ་ནང་ འདེམས་ཁོངས་ཀྱི་ངོ་ཚབ་བཅར་ཞུགས་འབད་དགོཔ་ཡང་ངེས་བདེན་བཟོ་ཚུགས་ནི་དང་ འདེམས་ཁོངས་ཀྱི་ཚོགས་རྒྱན་སྐྱུར་མི་ཚུ་དང་ འདེམས་ངོའི་གདམ་ངོ་བཏོན་མི་ སྤྱི་ཚོགས་ནང་གི་སྲིད་དོན་ཚོགས་པ་ཚུ་ དེ་ལས་ དང་འདོད་ཅན་གྱི་འདེམས་ངོ་ཚུ་གིས་ དུས་མིན་བཙག་འཐུ་འདི་ནང་ གྲལ་གཏོགས་འབད་ནི་ལུ་ བྱ་རིམ་གྱི་གྲ་སྒྲིག་ཚུའི་དུས་ཚོད་བྱིན་ཐབས་ལུ་ཨིན། རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོ་ ཟླ་བདུན་པ་རྗེས་མའི་ཚེས་གཅིག་འམ་ སྤྱི་ལོ་༢༠༡༦ ཟླ་༩

Read More

གནད་དོན་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་གྲུབ་འབྲས་གསལ་བསྒྲགས་༢༠༡༦།

༉    འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ཡོངས་ལུ་ཞུ་དོན་འདི་ཡང་ སྤྱི་ཚེས་༡༩-༠༧-༢༠༡༦ ལུ་ འགོ་འདྲེན་འཐབ་པའི་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་གྲུབ་འབྲས་ཀྱི་གསལ་བསྒྲགས་འབདཝ་ཨིནམ་དང་ གྲུབ་འབྲས་འདི་ ཐིམ་ཕུག་འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་ཡིག་ཚང་ཁག་ཚུ་ནང་གཟིགས་ཚུགསཔ་མ་ཚད་ ཡོངས་འབྲེལ་ཁ་བྱང་ http://www.election-bhutan.org.bt/ ཐོག་ལས་ཡང་གཟིགས་ཚུགས། རིག་རྩལ་བརྟག་དཔྱད་འདི་ནང་ བསྡོམས་ཀྱིས་ཨམ་སྲུ་༡༠༢ དང་ ཕོ་རྒས་༣༦༥ གིས་ བཅའ་མར་གཏོགས་ཡོད་མི་གྲལ་ལས་ ཨམ་སྲུ་༩༦ དང་ ཕོ་རྒས་༢༩༨ ཀྱིས་ འབྲི་ལྷག་ཤེས་ཡོན་དང་རིག་རྩལ་བརྟག་དཔྱད་ཀྱི་ ལག་ཁྱེར་ཐོབ་སྟེ་ཡོད། དབྱེ་དཔྱད་ལོག་སྟེ་འབད་དགོཔ་རེ་ཡོད་པ་ཅིན་ འདི་གི་ཞུ་ཡིག་འདི་ སྤྱི་ཚེས་༤-༠༨-༢༠༡༦ ཕྱི་རུའི་ཆུ་ཚོད་༥ ལས་མ་ཕྱི་བར་ འབྲེལ་ཡོད་རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་དང་ ཡང་ན་ བཙག་འཐུ་གཙོ་འཛིན་འགོ་དཔོན་ལུ་ ཐད་ཀར་དུ་བཙུགས་དགོ། ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་གོ་རིམ་གཉིས་པ་༢༠༡༦ གི་བཙག་འཐུའི་ནང་ འདེམས་ངོ་སྦེ་དོ་འགྲན་འབད་ནིའི་དམིགས་གཏད་ཡོད་མི་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཆེད་དམིགས་བཀོད་པའི་འབྲི་ཤོག་ཚུ་དང་འཁྲིལ་བའི་གདམ་ངོའི་ཡིག་ཆ་བཙུགས་ནི་ལུ་ དགོས་མཁོ་ཆེ་བའི་ཡིག་ཆ་ཚུ་ གྲ་སྒྲིག་འབད་དགོ་པའི་ཡང་བསྐྱར་གྱི་དྲན་གསོ་ཞུཝ་ཨིན། རང་ལུགས་གནམ་ལོ་མོ་ཕོ་སྤྲེལ་ལོ་ ཟླ་དྲུག་པའི་ཚེས་ཉེར་གཉིས་སམ་ སྤྱི་ལོ་༢༠༡༦ ཟླ་༠༧ པའི་ཚེས་༢༦ ལུ་སྤེལ།           (ཆོས་རྒྱལ་ཟླ་གོ་རིག་འཛིན་) འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ།

Read More

ཚོགས་རྒྱན་སྐྱུར་མིའི་ཤེས་ཡོན་ལས་རིམ།

༉   འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ཞུ་དོན་འདི་ཡང་ ཐིམ་ཕུག་ཀ་ཝང་བྱང་ས་ དམངས་གཙོའི་ཁང་བཟང་གི་ བཞི་པ་ཆེན་མོའི་ཚོགས་ཁང་ནང་ལུ་སྦེ་ སྤྱི་ལོ་༢༠༡༦ སྤྱི་ཟླ་༥ པའི་སྤྱི་ཚེས་༡༧་ ༢༤་ ༣༡ དང་ སྤྱི་ཟླ་༦ པའི་ སྤྱི་ཚེས་༧་ ༡༤་ རེས་གཟའ་ལྷགཔ་ ༥ གི་ ཕྱི་རུའི་ཆུ་ཚོད་ ༥.༣༠ ལས་ ༧ ཚུན་གྱི་བར་ན་   མི་མང་ག་གིས་རང་འབད་རུང་ བཅའ་མར་གཏོགས་ཆོག་པའི་ ཚོགས་རྒྱན་སྐྱུར་མིའི་ཤེས་ཡོན་ལས་རིམ་ འགོ་འདྲེན་འཐབ་ནི་ཨིན་མི་ནང་ བཅའ་མར་གཏོགས་གནང་ཟེར་བའི་མགྲོན་བརྡ་ཞུཝ་ཨིན།   མི་མང་ག་གིས་རང་འབད་རུང་ བཅའ་མར་གཏོགས་ཆོག་པའི་ ཚོགས་རྒྱན་སྐྱུར་མིའི་ཤེས་ཡོན་ལས་རིམ་འདི་ ས་གནས་གཞུང་གི་བཙག་འཐུ་ཐེངས་༢ པ་ རན་པའི་གྲ་སྒྲིག་འབད་ནི་དང་ སེམས་ཤུགས་ཅན་གྱི་ཚོགས་རྒྱན་སྐྱུར་མི་ཚུ་དང་ དང་འདོད་ཅན་གྱི་འདེམས་ངོ་ཚུ་གིས་ སྤྱི་འོག་དང་ རྒེད་འོག་༢༠༥ གི་ནང་ལུ་ ཚོགས་རྒྱན་སྐྱུར་མི་ཤེས་ཡོན་ལས་རིམ་ནང་ བཅའ་མར་གཏོགས་མ་ཚུགས་པར་ལུས་མི་ ཐིམ་ཕུག་ནང་འཁོད་ལུ་ སྡོད་མི་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ དམིགས་བསལ་གྱིས་ ཕན་ཐོགས་ཚུགས་པའི་དོན་ལུ་ཨིན།   ལས་རིམ་འདི་ མི་མང་ག་གིས་རང་འབད་རུང་ བཅའ་མར་གཏོགས་ཆོག་ནི་དང་ འདི་གི་དོན་ལུ་ ཐོ་བཀོད་ཚུ་ཡང་ ག་ནི་ཡང་འབད་དགོཔ་མེད། འདི་གི་དོན་ལས་

Read More